བསྟོད་ཚིག་དབྱངས་ཅན་དགྱེས་པའི་རོལ་མོ།
华语女歌手 发布时间:

སྒྱུ་རྩལ་སོར་མོ་ལྡེམ་པའི་གར་གཅིག་གིས། །
དབྱངས་ཅན་ཕྱག་གི་པི་ཝང་དཀྲོལ་བ་ལ། །
མི་ཟད་རིག་གནས་རྒྱ་མཚོར་མངའ་བརྙེས་ཤིང་། །
ངག་རིག་ཡོན་ཏན་རྫོགས་པའི་སྙན་ངག་པ། །
རྩོད་ངག་རིག་པའི་སྒྲོ་ལྡན་གཅིག་གིས་ཀྱང་། །
སྨྲ་བ་ངན་པའི་ལོག་རྟོག་འཇོམས་པ་ལ། །
མི་འཇིགས་སྙིང་སྟོབས་སྤོབས་པའི་རྩལ་རྫོགས་ཤིང་། །
ངེས་དོན་ལུང་རིགས་སྨྲ་བའི་རིགས་ལམ་པ། །
ལེགས་བཤད་མི་ཟད་སྨྲ་བའི་འབབ་སྟེགས་ལས། །
མདོ་སྔགས་གཞུང་གི་དགོངས་པ་འགྲེལ་བ་ལ། །
མཁྱེན་རབ་ཡོན་ཏན་རྒྱ་མཚོའི་དཔལ་མངའ་ཞིང་། །
ངེས་དོན་གཞུང་ལུགས་སྨྲ་བའི་ལྷ་རམས་པ། །
འཆད་རྩོད་རྩོམ་གསུམ་བྱ་བའི་མཛད་པ་ཡིས། །
ལོ་ཟླ་དུས་ཀྱི་འཁོར་ལོ་བགྲོད་པ་ལ། །
གུས་རྟག་བརྩོན་པ་བཟང་པོས་མ་བཏང་བའི། །
མཆོག་སྤྲུལ་དམ་པའི་ངོ་མཚར་ཡོན་ཏན་བཟང་། །
རང་དོན་ཐོས་བསམ་སྒོམ་པའི་བྱ་བ་དང་། །
གཞན་དོན་འཆད་རྩོད་རྩོམ་པའི་མཛད་བཟང་གིས། །
བསྟན་པ་རིན་ཆེན་སྤེལ་བའི་འཕྲིན་ལས་ཅན། །
བཤེས་གཉེན་དམ་པའི་སྐུ་ཚེ་བརྟན་གྱུར་ཅིག།
དབྱངས་ཅན་ཕྱག་གི་པི་ཝང་དཀྲོལ་བ་ལ། །
མི་ཟད་རིག་གནས་རྒྱ་མཚོར་མངའ་བརྙེས་ཤིང་། །
ངག་རིག་ཡོན་ཏན་རྫོགས་པའི་སྙན་ངག་པ། །
རྩོད་ངག་རིག་པའི་སྒྲོ་ལྡན་གཅིག་གིས་ཀྱང་། །
སྨྲ་བ་ངན་པའི་ལོག་རྟོག་འཇོམས་པ་ལ། །
མི་འཇིགས་སྙིང་སྟོབས་སྤོབས་པའི་རྩལ་རྫོགས་ཤིང་། །
ངེས་དོན་ལུང་རིགས་སྨྲ་བའི་རིགས་ལམ་པ། །
ལེགས་བཤད་མི་ཟད་སྨྲ་བའི་འབབ་སྟེགས་ལས། །
མདོ་སྔགས་གཞུང་གི་དགོངས་པ་འགྲེལ་བ་ལ། །
མཁྱེན་རབ་ཡོན་ཏན་རྒྱ་མཚོའི་དཔལ་མངའ་ཞིང་། །
ངེས་དོན་གཞུང་ལུགས་སྨྲ་བའི་ལྷ་རམས་པ། །
འཆད་རྩོད་རྩོམ་གསུམ་བྱ་བའི་མཛད་པ་ཡིས། །
ལོ་ཟླ་དུས་ཀྱི་འཁོར་ལོ་བགྲོད་པ་ལ། །
གུས་རྟག་བརྩོན་པ་བཟང་པོས་མ་བཏང་བའི། །
མཆོག་སྤྲུལ་དམ་པའི་ངོ་མཚར་ཡོན་ཏན་བཟང་། །
རང་དོན་ཐོས་བསམ་སྒོམ་པའི་བྱ་བ་དང་། །
གཞན་དོན་འཆད་རྩོད་རྩོམ་པའི་མཛད་བཟང་གིས། །
བསྟན་པ་རིན་ཆེན་སྤེལ་བའི་འཕྲིན་ལས་ཅན། །
བཤེས་གཉེན་དམ་པའི་སྐུ་ཚེ་བརྟན་གྱུར་ཅིག།
