往事(ft.Wings)

华语组合乐队 发布时间:
作词 : LuoL/HarboTK108
作曲 : LuoL/HarboTK108
编曲 : LuoL
LuoL:
འདས་ཟིན་པའི་ལོ་ཟླའི་ནང་དུ།
ངའི་ཁྱོད་ལ་དམ་བཅའ་བཞག་ཡོད།
ཁྱོད་མེད་པའི་མཚན་མོ་རེ་རེ།
ས་འདིའི་ནས་ཁྱོད་དྲན་གི་ཡོད།
འདས་ཟིན་པའི་ལོ་ཟླའི་ནང་དུ།
ངའི་ཁྱོད་ལ་དམ་བཅའ་བཞག་ཡོད།
ཁྱོད་མེད་པའི་མཚན་མོ་རེ་རེ།
ས་འདིའི་ནས་ཁྱོད་དྲན་གི་ཡོད།
Wings RT·DB:
བརྗེད་མེད་ཀྱི་གཏམ་རྒྱུད།
ཉི་ཟེར་བཞིན་དུ་དྲོད་སྣང་ལྡན་པའི་ཁྱེད་ཀྱིས་འཛུམ་མདངས།
སྔོན་བསགས་ཀྱི་ལས་དབང་དམར་པོ།
ཁྱེད་དང་ང་།
མ་འོངས་པའི་འཚོ་བའི་སྐྱིད་སྡུག་མཉམ་རོལ་མཉམ་སྤྱོད།
ཁྱེད་དང་ང་།
ཡིད་ཆེས་བརྩེ་བའི་གཞི་ཡིས་རྒྱན་ཆ་རེད།
དུང་བ་མ་འོངས་ལམ་གྱིས་སྒྲོན་མེ་རེད།
སྐྱིད་སྡུག་མཉམ་འགྲོ་སེམས་ལ་དམ་བཅའ་ཡོད།
བདེ་སྐྱིད་ཡོང་བའི། སྨོན་ལམ་འདེབས།
Wings Lil Sad:
ཤ་དང་རྣག་གི་བར་ནས།
བློ་ཕུགས་གཏད་ས་ཁྱོད་ལས།
མེད་པ་ནི་སུས་ཀྱང་ལེ་ཤེས་ད་དུང་ང་རང་ཁྱེད་ཀྱི་ཕྱོགས་སུ་འཁྲེང་ནས་ཡོད།
སྲིད་པའི་སྐུད་པ་མ་ཆད་བར་དུ་སེམས་ལ་བཅངས་ནོ་ཁྱོད་རང་ཡིན།
འཇིག་རྟེན་མ་འཇིག་བར་དུ་སེམས་ལ་བཅངས་ནོ་ཁྱེད་རང་ཡིན།
སེམས་བསམ་པ་སྟེ་ཁྱེད་ལ་ཕྱོགས་རུང་།
ཁྱོད་ཀྱིས་ང་རང་ལ་བཞག་པ་ནི་མིག་ཆུ་དང་སྐྱོ་གདུང་སྐྱོ་གདུང་།
སྐྱོ་གདུང་ལ་གནས་ལུགས་མེད་པས་་་དེ་ཁྱེད་རང་སྐྱིད་པའི་སྨོན་ལམ།
ཁྱོད་མེད་པའི་ལོ་ཟླའི་ནང་ནས་ང་རང་ཡང་བདེ་བའི་སྨོན་ལམ།
LuoL:
འདས་ཟིན་པའི་ལོ་ཟླའི་ནང་དུ།
ངའི་ཁྱོད་ལ་དམ་བཅའ་བཞག་ཡོད།
ཁྱོད་མེད་པའི་མཚན་མོ་རེ་རེ།
ས་འདིའི་ནས་ཁྱོད་དྲན་གི་ཡོད།
HarboTK108:
འདས་ཟིན་པའི་ལོ་ཟླ་མི་དགོས།
ངའི་ཁྱོད་ལ་མ་འོངས་བའི་བདེ་སྐྱིད་སྟེར།
ཁྱོད་ལ་གསེར་དངུལ་གྱི་ལག་སྐྱེས་ཨེ་དགོས།
མིན་ན་ངའི་རུམ་གྱི་བྱུ་རུ་ཁྱེར།
if you need call me ring ring
call me ring ring
我让你脖子带满bilng bilng
带满bilng bilng
你不信我所说的话 再不用谁来帮我凭证
你知道我努力表达过 在每个清晨或凌晨
my phone ring ring ring
雨在下rain rain rain
你的诉苦我来聆听
see you tomorrow 更加亲近
Wings Luosang:
སྨན་བུ་མོའི་འཛུམ་མདངས་དེ་བལ་ལས་འཇམ་པ།
སྤང་མེ་ཏོག་གསེར་ཆེན་རེ་ཐང་ལ་བཞད་འདྲ།
ས་རྨ་ཆུའི་ཡུལ་ནས་དབྱར་སྔོན་པོ་ཐོན་དུས་ངེད་གཉིས་མཇལ་ཡོང་།
གསེར་སེར་པོ་ཉི་མ་ཤར་འདྲ།དེ་ཟླ་བ་བཅོ་ལྔ།
ངའི་སྨོན་ལམ་གདབ་སའི་ཉི་མའི་འོད་འཇའ་ཚོན་སྣ་ལྔ།
ང་ཁྱེད་ལ་དགའ་བའི་དུང་བའི་ཚོར་བ་དེ་དག
ཉ་བཞིན་དུ་ཆུ་ལ་འདྲེས་ཡོད།
དུང་བ་ཟབ་པའི་མདའ་དྲང་མོ་ནམ་མཁའི་དབྱིངས་སུ་འཕངས་ཡོད།
རྨ་ཆུའི་བུ་མོ།
ངའི་གཞས་ལ་ཉོན་དང་།
དབྱར་མགོ་མ་ཚེས་དུས་སུ།
ས་རྨ་ཆུའི་ཁུག་སོ་ནས་མཇལ།
mix by:p3llo
LuoL   HarboTK108   Wings   Life Of Sin