白玛措

华语组合乐队 发布时间:
作词 : 曲培文化·捧红计划
作曲 : 曲培文化·捧红计划
编曲 : 曲培文化·捧红计划
གཤེན་སྲས་ཉི་ཟླ་ཟུང་གཅིག
ཚིག སྨན་རིན་དགེ་བཤེས། གཡུང་དྲུང་བསྟན་རྒྱལ།
དབྱངས། པདྨ་མཚོ།
ལེན་མཁན། པདྨ་མཚོ།
རབ་འབྱམས་ཞིང་གི་མགོན་པོ།
གཤེན་རབ་མྱི་བོའི་རྒྱུད་པ།
གཤེན་སྲས་སྐྱེ་དགུའི་ཉི་ཟླ།
འགྲོ་བའི་མཁའ་ལ་ཤར་ཡོད།
རིགས་རུས་ཁུངས་བཙུན་བཟང་བ།
མཚན་དཔེའི་དཔལ་ཡོན་འབར་བ།
སྣང་ཁམས་སྲིད་པའི་རྒྱན་ཆ།
དམུ་གཤེན་ལྷ་ཡི་བླ་མ།
བླ་མ་ལགས། བླ་མ་ལགས།
རིན་པོ་ཆེ།
གསུང་དབྱངས་འགག་པ་མེད་པ།
དྲུག་བཅུ་ཚངས་པའི་དབྱངས་སྙན།
འགྲོ་བའི་ཤེས་རྒྱུད་བཀྲོལ་བའི།
དམུ་གཤེན་བསྟན་པའི་ཉི་མ།
ཐུཊ་དབྱིངས་རྒྱ་མཚོའི་ཀློང་ནས།
བྱམས་སྙིང་ཟླ་བའི་རང་གཟུགས།
མཁྱེད་བརྩེ་ནུས་པའི་མངའ་བདག།
དམུ་གཤེན་འགྲོ་བའི་སྐྱབས་མགོན།
བླ་མ་ལགས། བླ་མ་ལགས།
རིན་པོ་ཆེ།
མཛད་བཟང་གསེར་གྱི་འཁོར་ལོ།
རབ་འབྱམས་ཞིང་ལ་བསྐོར་ཏེ།
འགྲོ་ཁམས་བདེ་ལ་བཀོད་པའི།
དམུ་གཤེན་དུས་ཀྱི་སྟོན་པ།
འདི་ཕྱིའི་རེ་ལྟོས་རྣམ་གཉིས།
བསྟན་འགྲོའི་བསོད་ནམས་མཁའ་རུ།
ལྷན་ནེ་ལྷམ་མེར་གསལ་ཞིང།
བསྐལ་པ་བརྒྱ་མཚོའི་བཞུགས་གསོལ།
བླ་མ་ལགས། བླ་མ་ལགས།
རིན་པོ་ཆེ།
བླ་མ་ལགས། བླ་མ་ལགས།
རིན་པོ་ཆེ།
曲培文化·捧红计划   白玛措新歌