河滩传来消息

华语男歌手 发布时间:
作词 : 尕尔东
作曲 : 尕尔东
编曲 : 尕尔东/黄超
ཟླ་བཅུ་བའི་ལྷ་ས་ནངས་ནུབ་ལ་ཅུང་འཁྱག་ཉི་མའི་གུང་ལྷག་ཏུ་དྲོ།
十月的拉萨早晚微凉中午有些热
གཙང་འགྲམ་ལ་ལུས་བའི་བྱ་ཁྱུ་དེ་ཚོས་ཁྱོད་གང་ནས་ཡོང་པ་ཡིན་ཟེར།
困在河边的那些鸟儿问你来自何方
རྐང་ཐང་ལ་ཡོང་བའི་བྱིས་པ་དེའི་མིག་ཆུ་པོ་ཏ་ལ་མཐོང་བས་ལྷུང་།
徒步而来的孩子看见布达拉而泪目
ངའི་སེམས་ནང་དུ་ཡང་དྲོད་ཁོལ་སྐྱེས་བྱུང་།
我的内心突然感到一阵温暖
བར་སྐོར་ནས་འཕྲད་པའི་རྒན་པོ་དེའི་ཕ་ཡུལ་ཐག་རིང་ཐག་རིང་ཞིག
八廓街相识的那个老人的故乡很远很远
ལྷ་ས་ལ་སླེབས་ནས་ལོ་མང་འགོར་མོད་ཕྱིར་ཡུལ་ལ་མ་ཐོན་ཟེར།
他说他来拉萨很多年都没回到过家
རྐང་ཐང་ལ་ཡོང་བའི་བྱིས་པ་དེ་ནམ་ཞིག་ཕ་ཡུལ་ལ་འབྱོར་ཐུབ་ཚེ།
徒步而来的孩子若能再次回到故乡
ངའི་དྲིན་ཅན་གྱི་ཕ་མ་གཉིས་ལ་སྐད་ཅིག་བསྐུར་རོགས།
请为我的双亲带上一句话
པོ་ཏ་ལའི་གཡས་ཕྱོགས་ཀྱི་རི་ཆེན་དེའི་མིང་ལ་སྨིན་དྲུག་རྩེ་རི་ཟེར།
布达拉宫右前方最高的山峰叫明珠则日
རི་བོ་མཐོན་པོ་དེའི་ཆེས་མཐོ་སར་སོང་ཀྱང་ཕ་ཡུལ་མ་མཐོང་ཐལ།
登顶到大山顶峰也未能望见故乡
གློ་བུར་དུ་རླུང་བུ་བསིལ་མོ་ཞིག་ལྡང་བྱུང་།
突然一阵风吹来
ངས་ཕ་ཡུལ་དུ་ལུས་པའི་ཕ་ཡུལ་དྲན་བྱུང་།
我想起了留在故乡的故乡
ཨེ་མཚོ་ཡི་ཐང་ལ་འཇམ་ལྷང་ངེར་བཞད་པའི་མེ་ཏོག་གསེར་ཆེན་ལགས།
静躺在易措湖畔的赛钦花
མཚོ་མཐའ་ལ་མཚོ་སྐོར་བྱེད་པའི་བློ་བཟང་རིན་ཆེན་མཐོང་མྱོང་ངམ།
是否见过在湖边转湖的洛桑仁青
ཁོས་ང་ལ་བཅོལ་བའི་ཤེས་རབ་ཀྱི་ལྡེ་མིག་ཨེ་མཚོ་ཡི་གཏིང་དུ་ལྷུང་།
他托付于我的智慧之门的钥匙掉进了易措湖底
ང་རང་གཅིག་པོ་གཙུག་ལག་ཁང་གི་མདུན་དུ་ལུས་སོང་།
我只能一个人徘徊在大昭寺门外
པོ་ཏ་ལའི་རྒྱབ་རི་སྨུག་པོ་དེའི་མིང་ལ་འཇམ་དབྱངས་ལྷ་རི་ཟེར།
布达拉宫背后的紫色山峰叫嘉央拉日
རི་བོ་མཐོན་པོ་དེའི་ཆེས་མཐོ་སར་སོང་ཀྱང་ཕ་ཡུལ་མ་མཐོང་ཐལ།
登顶到大山顶峰也未能望见故乡
གློ་བུར་དུ་རླུང་བུ་བསིལ་མོ་ཞིག་ལྡང་བྱུང་།
突然一阵风吹来
ངས་ཨེ་མཚོའི་མཐའ་ནས་བློ་བཟང་རིན་ཆེན་མཐོང་བྱུང་།
我仿佛看见了易措湖畔的洛桑仁青
གློ་བུར་དུ་རླུང་བུ་བསིལ་མོ་ཞིག་ལྡང་བྱུང་།
突然一阵风吹来
ངས་ཕ་ཡུལ་དུ་ལུས་པའི་ཕ་ཡུལ་མཐོང་བྱུང་།
我看见了留在故乡的故乡
尕尔东   高原的孩子