月光下的情阿柔.公保加
华语男歌手 发布时间:

编曲 : 康索次
ཟླ་འོད་འོག་གི་བརྩེ་དུང་།
月光下的情
གཞས་ཚིག སྨན་བླ་སྐྱབས།
作词:曼拉杰
གཞས་གདངས། བདུད་བྷེ།
作曲:德百
གཞས་པ། ཨ་རིག་མགོན་པོ་སྐྱབས།
演唱:阿柔公保加
ཟླ་འོད་ཀྱི་མལ་སྟན་སྟེང་ནས།།
སྙིང་གཏམ་གྱི་མཚོ་མོ་འཁྱིལ་སོང་།།
གར་སྟབས་ཀྱི་བར་མཚམས་བཞག་དུས།།
སྨེ་བདུན་གྱི་རྩེ་སྟེང་བརྗེས་སོང་།།
ཡུད་ཙམ་ལ་སྒུག་རོགས་གནང་དང་།།
ཡིད་འོང་གི་ཟླ་བ་གཞོན་ནུ།།
བརྩེ་དུང་གི་སྙིང་གཏམ་ནང་ན།།
ལྷག་བསམ་གྱི་ཕབ་རྒྱུན་ཨེ་འདུག།
ཟླ་འོད་ཀྱི་གུར་ཁང་ནང་ནས།།
བརྩེ་དུང་གི་གླུ་དབྱངས་བླངས་སོང་།།
ཕན་ཚུན་ལ་མཛུབ་རྒྱབ་ཕུལ་དུས།།
སྐྱ་རེངས་ཀྱི་འཛུམ་དཀར་འཕྱུར་སོང་།།
ཡུད་ཙམ་ལ་སྒུག་རོགས་གནང་དང་།།
ཡིད་འོང་གི་ཟླ་བ་གཞོན་ནུ།།
ས་སྟེང་གི་བརྩེ་དུང་འདི་འདྲ།།
མཁའ་དབྱིངས་ན་མཐོང་རྒྱུ་ཨེ་འདུག།
ཟླ་འོད་འོག་གི་བརྩེ་དུང་།
月光下的情
གཞས་ཚིག སྨན་བླ་སྐྱབས།
作词:曼拉杰
གཞས་གདངས། བདུད་བྷེ།
作曲:德百
གཞས་པ། ཨ་རིག་མགོན་པོ་སྐྱབས།
演唱:阿柔公保加
ཟླ་འོད་ཀྱི་མལ་སྟན་སྟེང་ནས།།
སྙིང་གཏམ་གྱི་མཚོ་མོ་འཁྱིལ་སོང་།།
གར་སྟབས་ཀྱི་བར་མཚམས་བཞག་དུས།།
སྨེ་བདུན་གྱི་རྩེ་སྟེང་བརྗེས་སོང་།།
ཡུད་ཙམ་ལ་སྒུག་རོགས་གནང་དང་།།
ཡིད་འོང་གི་ཟླ་བ་གཞོན་ནུ།།
བརྩེ་དུང་གི་སྙིང་གཏམ་ནང་ན།།
ལྷག་བསམ་གྱི་ཕབ་རྒྱུན་ཨེ་འདུག།
ཟླ་འོད་ཀྱི་གུར་ཁང་ནང་ནས།།
བརྩེ་དུང་གི་གླུ་དབྱངས་བླངས་སོང་།།
ཕན་ཚུན་ལ་མཛུབ་རྒྱབ་ཕུལ་དུས།།
སྐྱ་རེངས་ཀྱི་འཛུམ་དཀར་འཕྱུར་སོང་།།
ཡུད་ཙམ་ལ་སྒུག་རོགས་གནང་དང་།།
ཡིད་འོང་གི་ཟླ་བ་གཞོན་ནུ།།
ས་སྟེང་གི་བརྩེ་དུང་འདི་འདྲ།།
མཁའ་དབྱིངས་ན་མཐོང་རྒྱུ་ཨེ་འདུག།
