妙语连珠
华语女歌手 发布时间:

作曲 : 罗塞
གཞས་ཚིག ཨ་ལོང་།
གཞས་གདངས། བློ་གསལ།
གཞས་མ། གནམ་མཚོ།
དད་པའི་ཕོ་བྲང་ཀློང་གི།
འཛུམ་ལྡན་མེ་ཏོག་དམར་པོ།།
གསེར་སྤྲུལ་ཡིད་བཞིན་ནོར་བུ།།
སྐུ་ཡི་མཚན་དཔེ་བཞད་བྱུང་།།
མཚོ་འཁྲུངས་པདྨའི་རྒྱལ་ཚབ།།
སྐྱེས་བུའི་ལུང་གིས་ཟིན་པའི།།
བཅུ་གསུམ་གསེར་སྤྲུལ་པ་ཡི།།
རྣམ་འཕྲུལ་སེམས་དཔའ་ཁྱེད་ཡིན།།
གནའ་དེང་རིག་པའི་གཞུང་ལ།།
མཁྱེན་དཔྱོད་བློ་གྲོས་ལྡན་པའི།།
སྨར་ཁམས་སྒང་གི་ལྷ་སྲས།།
དུས་ཀྱི་སྒྲོན་མེ་ཁྱེད་ཡིན།།
མ་གྱུར་འགྲོ་བ་ཡོངས་ལ།།
ཐུགས་རྗེས་ཉེ་རིང་མེད་པའི།།
ཐར་པའི་ལམ་སྟོན་ཆེན་པོ།།
འདྲེན་པའི་དེད་དཔོན་ཁྱེད་ཡིན།།
ཐུགས་རྒྱུད་རབ་ཏུ་ཡངས་ཤིང་།།
བསླབ་གསུམ་ནོར་གྱིས་ཕྱུག་པའི།།
ངེས་དོན་སྤྲུལ་པའི་སྐུ་མཆོག།
བསྟན་འཛིན་བཟང་པོ་ཁྱེད་ཡིན།།
གཞས་ཚིག ཨ་ལོང་།
གཞས་གདངས། བློ་གསལ།
གཞས་མ། གནམ་མཚོ།
དད་པའི་ཕོ་བྲང་ཀློང་གི།
འཛུམ་ལྡན་མེ་ཏོག་དམར་པོ།།
གསེར་སྤྲུལ་ཡིད་བཞིན་ནོར་བུ།།
སྐུ་ཡི་མཚན་དཔེ་བཞད་བྱུང་།།
མཚོ་འཁྲུངས་པདྨའི་རྒྱལ་ཚབ།།
སྐྱེས་བུའི་ལུང་གིས་ཟིན་པའི།།
བཅུ་གསུམ་གསེར་སྤྲུལ་པ་ཡི།།
རྣམ་འཕྲུལ་སེམས་དཔའ་ཁྱེད་ཡིན།།
གནའ་དེང་རིག་པའི་གཞུང་ལ།།
མཁྱེན་དཔྱོད་བློ་གྲོས་ལྡན་པའི།།
སྨར་ཁམས་སྒང་གི་ལྷ་སྲས།།
དུས་ཀྱི་སྒྲོན་མེ་ཁྱེད་ཡིན།།
མ་གྱུར་འགྲོ་བ་ཡོངས་ལ།།
ཐུགས་རྗེས་ཉེ་རིང་མེད་པའི།།
ཐར་པའི་ལམ་སྟོན་ཆེན་པོ།།
འདྲེན་པའི་དེད་དཔོན་ཁྱེད་ཡིན།།
ཐུགས་རྒྱུད་རབ་ཏུ་ཡངས་ཤིང་།།
བསླབ་གསུམ་ནོར་གྱིས་ཕྱུག་པའི།།
ངེས་དོན་སྤྲུལ་པའི་སྐུ་མཆོག།
བསྟན་འཛིན་བཟང་པོ་ཁྱེད་ཡིན།།
