牧人之地安多白玛

华语组合乐队 发布时间:
作词 : 本强
作曲 : 阿克卓巴组合/安多白玛
编曲 : 阿克卓巴组合
འབྲོག་པའི་ཕ་ས།
牧人之地
ཚིག བོན་འཁྱམས།
དབྱངས། ཨ་མདོའི་པདྨ།
གཞས་པ། ཨ་མདོའི་པདྨ།
ཨོ།
བྱང་ཐང་གི་འབྲོག་པའི་ཕ་ས།
སུམ་རྩེན་གྱི་ལྷ་ཡུལ་གཉིས་པ།
གཡང་ར་བ་སྒོ་བཞི་རི་ལ་འཚོས།།
འུར་ཁྲ་ཆུང་དགུ་མིག་གློ་ན་བཏག།
ཐང་ཡངས་པོ་རྩི་དང་མེ་ཏོག་མཛེས།།
ཕ་འབྲོག་པའི་འཚོ་བ་དཔལ་གྱི་རོལ།།
སྐྱིད་ཟེར་ན་ཨ་ཁུ་འབྲོག་པའི་ས།།
འབྲོག་ཕ་ས་ས་ཡི་དྭངས་རྩེ།།
དེ་མ་བསྐྱུར་རྟག་ཏུ་བརྒྱུད་འཛིན་བྱོས།།
རི་གངས་ཅན་པ་ཡི་སྤུན་ཟླ་ལགས།
གཡང་མོ་ལུག་གི་འབའ་སྒྲ་གྲགས་སེ་གྲགས་སེ།
ནག་ཆུང་ནོར་གྱི་ངུར་སྒྲ་ལྷང་སེ་ལྷང་སེ།
མདོ་བ་རྟ་ཕོའི་འཚེར་སྒྲ་སྙན་སེ་སྙན་སེ།
འབྲོག་པ་བུ་ཡི་རླུང་རྟ་དར་སེ་དར་སེ།
མར་ཕྱུར་བའི་ལོངས་སྤྱོད་ནང་ན་རོལ།།
ཞོ་འོ་མའི་བརྩིགས་པ་རི་ལས་མཐོ།།
ཟས་ཞིམ་པོ་ལྷ་ཡི་དངོས་གྲུབ་འདྲ།།
ཕ་འབྲོག་པའི་བསོད་ནམས་སུ་ལས་ཆེ།།
སྐྱིད་ཟེར་ན་ཨ་ཁུ་འབྲོག་པའི་ས།།
འབྲོག་ཕ་ཟས་ཟས་ཀྱི་ཡང་རྩེ་།།
དེ་མ་དོར་རྒྱུན་དུ་གཅེས་འཛིན་བྱོས།།
རི་གངས་ཅན་པ་ཡི་སྤུན་ཟླ་ལགས།
གཡང་མོ་ལུག་གི་འབའ་སྒྲ་གྲགས་སེ་གྲགས་སེ།
ནག་ཆུང་ནོར་གྱི་ངུར་སྒྲ་ལྷང་སེ་ལྷང་སེ།
མདོ་བ་རྟ་ཕོའི་འཚེར་སྒྲ་སྙན་སེ་སྙན་སེ།
འབྲོག་པ་བུ་ཡི་རླུང་རྟ་དར་སེ་དར་སེ།
ཨོ།
བྱང་ཐང་གི་འབྲོག་པའི་ཕ་ས།
སུམ་རྩེན་གྱི་ལྷ་ཡུལ་གཉིས་པ།
ཨོ།
བྱང་ཐང་གི་འབྲོག་པའི་ཕ་ས།
སུམ་རྩེན་གྱི་ལྷ་ཡུལ་གཉིས་པ།
阿克卓巴组合   安多白玛   牧人之地