江达达瓦【不体谅的情人】
华语组合乐队 发布时间:

作词 : 龙灵
作曲 : 罗布
བསམ་ཤེས་མེད་པའི་རོགས་ལོ།
不体谅的情人
གཞས་ཚིགཀླུངས་གླིང་བུ།
歌词:龙灵
གཞས་གདངས།ནོར་བུ།
作曲:罗布
གཞས་པ། འཇོ་མདའ་ཟླ་བ།
歌手:江达达瓦
སེམས་བསམ་པ་དཀར་པོ་དུང་ཡིན། །
བློ་མི་འགྱུར་དམར་པོ་སྲོག་ཡིན། །
རོགས་ཆུང་ལོ་བསམ་ཤེས་མི་འདུག །
རྒྱུ་འབྱོར་བ་མི་འདུག་གསུང་བྱུང་། །
ལུས་བྱང་ཁོག་ནང་གི་སྙིང་ཡིན། །
སྙིང་དམར་པོ་གཅིག་གི་ཕྱེད་ཡིན། །
རོགས་ཆུང་ལོ་བསམ་ཤེས་མི་འདུག །
ཐོབ་གོ་ས་མི་འདུག་གསུང་བྱུང། །
~
རྩ་རྒྱུས་པའི་གསེང་གི་ཁྲག་ཡིན། །
ཤ་རུས་པའི་ནང་གི་རྐང་ཡིན། །
རོགས་ཆུང་ལོ་བསམ་ཤེས་མི་འདུག །
ལག་ལས་ཀ་མི་འདུག་གསུང་བྱུང་། །
གློ་མཆིན་པའི་བར་གྱི་ཚིལ་ཡིན། །
མགོ་དཔྲལ་བའི་དཀྱིལ་གྱི་མིག་ཡིན། །
རོགས་ཆུང་ལོ་བསམ་ཤེས་མི་འདུག །
ཐབས་འཇོན་ཐང་མི་འདུག་གསུང་བྱུང་། །
~
ནང་ཁ་པར་གཏོང་ས་ཁྱེད་ཡིན། །
ནུབ་འཕྲིན་ཐུང་བསྐུར་ས་ཁྱེད་ཡིན། །
རོགས་ཆུང་ལོ་བསམ་ཤེས་མི་འདུག །
ཤེས་ཡོན་ཏན་མི་འདུག་གསུང་བྱུང་། །
མིག་ཁྲ་ཆུང་ལྟ་ས་ཁྱེད་ཡིན། །
སེམས་བསམ་པའི་དྲན་ས་ཁྱེད་ཡིན། །
རོགས་ཆུང་ལོ་བསམ་ཤེས་མི་འདུག །
རྒྱུ་འབྱོར་བ་མི་འདུག་གསུང་བྱུང་། །
作曲 : 罗布
བསམ་ཤེས་མེད་པའི་རོགས་ལོ།
不体谅的情人
གཞས་ཚིགཀླུངས་གླིང་བུ།
歌词:龙灵
གཞས་གདངས།ནོར་བུ།
作曲:罗布
གཞས་པ། འཇོ་མདའ་ཟླ་བ།
歌手:江达达瓦
སེམས་བསམ་པ་དཀར་པོ་དུང་ཡིན། །
བློ་མི་འགྱུར་དམར་པོ་སྲོག་ཡིན། །
རོགས་ཆུང་ལོ་བསམ་ཤེས་མི་འདུག །
རྒྱུ་འབྱོར་བ་མི་འདུག་གསུང་བྱུང་། །
ལུས་བྱང་ཁོག་ནང་གི་སྙིང་ཡིན། །
སྙིང་དམར་པོ་གཅིག་གི་ཕྱེད་ཡིན། །
རོགས་ཆུང་ལོ་བསམ་ཤེས་མི་འདུག །
ཐོབ་གོ་ས་མི་འདུག་གསུང་བྱུང། །
~
རྩ་རྒྱུས་པའི་གསེང་གི་ཁྲག་ཡིན། །
ཤ་རུས་པའི་ནང་གི་རྐང་ཡིན། །
རོགས་ཆུང་ལོ་བསམ་ཤེས་མི་འདུག །
ལག་ལས་ཀ་མི་འདུག་གསུང་བྱུང་། །
གློ་མཆིན་པའི་བར་གྱི་ཚིལ་ཡིན། །
མགོ་དཔྲལ་བའི་དཀྱིལ་གྱི་མིག་ཡིན། །
རོགས་ཆུང་ལོ་བསམ་ཤེས་མི་འདུག །
ཐབས་འཇོན་ཐང་མི་འདུག་གསུང་བྱུང་། །
~
ནང་ཁ་པར་གཏོང་ས་ཁྱེད་ཡིན། །
ནུབ་འཕྲིན་ཐུང་བསྐུར་ས་ཁྱེད་ཡིན། །
རོགས་ཆུང་ལོ་བསམ་ཤེས་མི་འདུག །
ཤེས་ཡོན་ཏན་མི་འདུག་གསུང་བྱུང་། །
མིག་ཁྲ་ཆུང་ལྟ་ས་ཁྱེད་ཡིན། །
སེམས་བསམ་པའི་དྲན་ས་ཁྱེད་ཡིན། །
རོགས་ཆུང་ལོ་བསམ་ཤེས་མི་འདུག །
རྒྱུ་འབྱོར་བ་མི་འདུག་གསུང་བྱུང་། །
