心的希望久巴

华语男歌手 发布时间:
编曲 : 康索次
སེམས་ཀྱི་རེ་ཞུ།།
心的希望
ཆིག་་་གཙང་རིག་སྐལ་བཟང་རྣམ་འདྲེན།
作词:格桑南珠
དབྱངས་་་ཤེར་བསྟན།
作曲:谢旦
གཤས་པ་་་གཅོད་པ།
演唱:久巴
རྫ་ཁྲ་ཁྲའི་སྒང་ལམ་འགྲིམ་པའི།
སྒྲ་ནོར་མེད་རི་སྤྱང་སྔོ་མོ།
རི་ལ་ལུང་རྒྱུག་འདུར་རྒོད་ཀྱང།
ངའི་གཡང་དཀར་ལུག་ཆུ་མ་གཏོར།
རི་ལ་ལུང་རྒྱུག་འདུར་རྒོད་ཀྱང།
ངའི་གཡང་དཀར་ལུག་ཆུ་མ་གཏོར།
ཡུལ་རྒྱུས་མེད་ས་མཐའ་སྐོར་བའི།
མི་མདོ་མེད་ནག་ཆེན་ཁྲམ་པ།
རི་སྡེ་བ་དཀྲུག་ཤིང་རྒོད་རུང།
ངའི་ཕུ་ནུའི་དཔུང་གདང་མ་གཏོར།
རི་སྡེ་བ་དཀྲུག་ཤིང་རྒོད་རུང།
ངའི་ཕུ་ནུའི་དཔུང་གདང་མ་གཏོར།
ལུང་རིག་པའི་རྒྱབ་རྟེན་མེད་པའི།
ལག་འཛུལ་མེད་བཙུན་པ་ཁ་ཤོར།
སེམས་གང་ཤར་ཚོད་འཛིན་མེད་རུང།
ངའི་ཕ་མེས་རིག་གཞུང་མ་བརླག།
སེམས་གང་ཤར་ཚོད་འཛིན་མེད་རུང།
ངའི་ཕ་མེས་རིག་གཞུང་མ་བརླག།
ལས་བཟང་པའི་ཁྱིམ་ཚང་གཅིག་པའི།
སེམས་བརྟན་མེད་བུ་ཆུང་ལོ་ལོ།
བརྩེ་དྭངས་མ་ཡིད་ལ་མེད་ན།
ངའི་སེམས་ཀྱི་དུངས་བ་མ་བརྐུ།
康索次   心的希望