罗赛&加华杰【故乡果洛】

华语组合乐队 发布时间:
作词 : 曲培文化·捧红计划
作曲 : 曲培文化·捧红计划
编曲 : 曲培文化·捧红计划
རྨ་ཡུལ་མགོ་ལོག
གཞས་ཚིག. གངས་འཁྱམས་པོ།
གཞས་གདངས། བློ་གསལ།
གཞས་པ། བློ་གསལ། འཇམ་དཔལ་སྐྱབས།
གླུ་དབྱངས་འགྲེན་སྤེལ། ཨོ་རྒྱན་ཆོས་འཕེལ།
གླིང་ཇོ་རུའི་མཛད་འཕྲིན་ཕྱོགས་ཀུན་རྒྱས།།
སྨན་འབྲུག་མོའི་ལང་ཚོའི་མཛེས་སྡུག་ངོམ།།
ས་གླིང་དཀར་མཐོང་བ་ཀུན་སྨོན་ཏེ།།
ཡུལ་མགོ་ལོག་གླིང་གི་ཕ་ས་ཡིན།
ཨེ་མ་་་་་ཕ་ཡུལ་ཡ། མགོ་ལོག
ངའི་སེམས་ཀྱི་སྨོན་པ་འཆོར་ས་ཡིན།།
དཔའ་རྒྱ་ཚའི་རལ་གྲི་ཐོག་ལྟར་བཙན།།
བློན་འདན་མའི་མདའ་རྩལ་གློག་ལས་མྱུར།།
བདུད་དམ་སྲིའི་སྲོག་རྩ་གཞི་ནས་འཇོམས།།
བོད་བཙན་པོའི་གདུང་རྒྱུད་མགོ་ལོག་པ།
ཨེ་མ་་་་་་ཕ་ཡུལ་ཡ། མགོ་ལོག
ངའི་ངག་གི་མཆོད་པ་འབུལ་ས་ཡིན།།
གངས་ཤེལ་དཀར་ལྷུན་པོའི་མཎྜལ་བཤམས།།
ཆུ་རྨ་ཆུ་ལུ་མའི་ཡོན་ཆབ་མཛེས།།
ལུས་བསོད་ནམས་རླུང་རྟ་མཁའ་དང་མཉམ།།
སྐྱིད་ཕ་ས་ཕྱུག་མོ་མངོན་པར་བསྟོད།
ཨེ་མ་་་་་་་ཕ་ཡུལ་ཡ། མགོ་ལོག
ངའི་ལང་ཚོའི་གཤོག་པ་རྐྱོང་ས་ཡིན།།
曲培文化·捧红计划   故乡果洛