欢聚玉隆松多

华语女歌手 发布时间:
གཡུ་ལུང་སུམ་མདོའི་དགྱེས་འཛོམས།
ཚིག ཚེ་ཤུལ་བསྟན་པའི་སྒྲོན་མེ།
དབྱངས། བྱ་གཞུང་བཀྲ་རྡོར།
ལེན་མཁན། པད་མཚོ།
རོལ་མོ་དང་སྒྲ་ལེན། བྱ་གཞུང་བཀྲ་རྡོར།
སྙན་ཚིག་དབྱངས་ཅན་ངག་གི་མགྲིན་པ་ནས།།
ཁྲོམ་ཆེན་སྣང་བ་དགྱེས་པའི་གླུ་མཆོད་ན།།
འཛམ་གླིང་སེང་ཆེན་རྒྱལ་པོའི་འཕྲིན་ལས་བསྟོད།།
ཚོ་དྲུག་ལྷ་སྡེ་དཀར་པོའི་མཛད་པ་བསྟོད།།
བཀྲ་ལ་ཤིས་གླུ་མཆོད་དོ།
གཡུ་ལུང་སུམ་མདོའི་དགྱེས་འཛོམས་དབྱངས་ལ་འདྲེན།།
རྨ་གཡང་ཕྱུག་མོའི་ཕྲིན་ལས་འཕེལ་བར་ཤོག
སྙན་དབྱངས་དྲུག་འགྱུར་ངག་གི་འགྱུར་ཁུག་ནས།།
ཁྲོམ་ཆེན་སྐྱིད་ལ་འགུགས་པའི་གླུ་མཆོད་ན།།
ཀུན་གཟིགས་བསྟན་པའི་ཉི་མའི་ཐུགས་བསྐྱེད་བསྟོད།།
ཕོ་བྲང་སེང་འབྲུག་སྟག་རྩེའི་བྱིན་རླབས་བསྟོད།།
བཀྲ་ལ་ཤིས་གླུ་མཆོད་དོ།
གཡུ་ལུང་སུམ་མདོའི་དགྱེས་འཛོམས་དབྱངས་ལ་འདྲེན།།
ཁྲ་མོ་གླིང་གི་སྙན་གྲགས་རྒྱས་པར་ཤོག།
སྙན་འགྱུར་བདེན་ཚིག་གྲུབ་པའི་ངག་སྒོ་ནས།།
ཁྲོམ་ཆེན་དགའ་བདེའི་དཔལ་གྱི་གླུ་མཆོད་ན།།
རྨ་ཡུལ་ཁྲ་མོ་གླིང་གི་དབུ་འཕང་བསྟོད།།
རིགས་རུས་སྨུག་པོ་ལྡོང་གི་ངོ་སོ་བསྟོད།།
བཀྲ་ལ་ཤིས་གླུ་མཆོད་དོ།
གཡུ་ལུང་སུམ་མདོའི་དགྱེས་འཛོམས་དབྱངས་ལ་འདྲེན།།
གླིང་དཀར་དཔའ་བོའི་མཛད་ཕྲིན་དར་བར་ཤོག།
班措   欢聚玉隆松多