满愿甘露宝瓶一祝祷文

华语女歌手 发布时间:
སྨོན་ཚིག་ཡིད་ཀྱི་འདོད་པ་འཇོ་བའི་བུམ་བཟང་ཞེས་བྱ་བ་བཞུགས་སོ་།།
满愿甘露宝瓶一祝祷文
ཚིག སྐྱབས་མགོན་གོང་མ་ཁྲི་ཆེན་རྡོ་རྗེ་འཆང་།
作词:怙主萨迦法王
དབྱངས། རྫོགས་ཆེན་བསྟན་འཛིན།
作曲:佐庆丹真
ལེན་མཁན་། ཁམས་སྐྱིད་མཚོ། །
演唱:康吉措
ཀུན་མཁྱེན་ཡེ་ཤེས་ཀུན་གྱི་རང་བཞིན་གདངས།།
诸佛遍智所成本性智
སྙིང་རྗེའི་དཔལ་དང་སྙིང་སྟོབས་སྤྲས་པའི་དཔྱིད། །
慈悲圆满吉祥大心力
ཚེ་བསོད་སྩོལ་མཛད་ཚེ་ལྷར་བཞེངས་པའི་སྐུས། །
能赐福寿悉地无量寿
དཔག་ཡས་ཚེ་བསོད་དཔག་མེད་དེང་འདིར་སྩོལ། །
无边福寿而今敬请赐
བསོད་ནམས་བརླན་གྱི་ཕུང་པོའི་དམ་རྒྱ་ལས། །
福殷得以乘愿浊世生
བལྟམས་པའི་མཚོ་སྐྱེས་ཐུབ་བསྟན་དྲི་བསུང་ཅན། །
散发妙莲佛法馥郁香
ཉོན་མོངས་རྫབ་ཀྱིས་མ་སྦགས་པདྨ་ཡིས། །
不染烦恼污淖引蜂聚
བློ་གསལ་བུང་བ་སྐྱོང་མཛད་ཞབས་བརྟན་ཤོག །
护佑具根弟子寿无疆
ཚུལ་གནས་ཐོས་བསམ་སྒོམ་པའི་སྤྲིན་རུམ་ནས། །
净戒闻思修行法云中
མཁས་བཙུན་བཟང་པོའི་སྦྲང་ཆར་ཟིམ་པའི་རྒྱུན། །
普降德才贤正甘露雨
འཆད་རྩོད་རྩོམ་པའི་འབྲུག་སྒྲ་དང་བཅས་ཏེ། །
著辩演讲惊雷贯长空
འགྲོ་བློའི་རྨོངས་གཉིད་སེལ་བྱེད་ཞབས་བརྟན་ཤོག །
唤醒众生痴梦寿无疆
ཡོད་མེད་མཐའ་བྲལ་ཀླུ་སྒྲུབ་ལྟ་བ་དང་། །
深谙龙树怙主离戏见
འཛིན་མེད་སྒོམ་པའི་གདམས་པ་ཟབ་མོའི་རྒྱུན། །
恒持无执实修秘窍诀
ཞེན་མེད་སྒྱུ་མའི་རྗེས་སྤྱོད་ལ་བརྟེན་ནས། །
身行调柔常依“离四贪”
འཁྲུལ་མེད་ས་བསྟན་སྐྱོང་མཁས་ཞབས་བརྟན་ཤོག །
善护萨迦正法寿无疆
བླ་མ་ཡི་དམ་སྲུང་མའི་ཐུགས་རྗེ་དང་། །
愿藉师尊护法之大悲
རྟེན་འབྲེལ་བསླུ་བ་མེད་པའི་བདེན་སྟོབས་ཀྱིས། །
因果不虚缘起真实力
ཡིད་ལ་སྨོན་པའི་དོན་རྣམས་འབད་མེད་དུ། །
一切心想愿望及相好
ལྷུན་གྱིས་འགྲུབ་པའི་མཚན་བཟང་དགེ་ལེགས་སྩོལ། །
任运天成吉祥赐圆满
རྒྱལ་ཀུན་རང་གཟུགས་ཀུན་དགའ་རྒྱལ་མཚན་གྱི།
诸佛化身萨迦班智达
བྱིན་རླབས་ཀློང་ལས་རིག་པའི་གནས་མཐའ་དག།
加持中获通达五明处
མཁྱེན་ནས་སྐལ་ལྡན་སློབ་རྣམས་ཚིམ་མཛད་པ། །
更为满足有福众弟子
ཐུབ་བསྟན་པདྨ་བློ་གསལ་ཞབས་བརྟན་གསོལ།།
土登白玛洛僧敬顶礼
康吉措   满愿甘露宝瓶一祝祷文